Le premier site d'actualit? sur le Tibet

www.tibet.fr

16/03/24 | 8 h 10 min par Central Tibetan Administration

AMÉRIQUE DU SUD / 10 mars 2024 : Brésil, Argentine, Uruguay, Bolivie, Colombie…

ལྷོ་ཨ་རིའི་ས་གནས་ཁག་ཅིག་ཏུ་བོད་མིའི་རང་དབང་སྒེར་ལངས་དུས་དྲན་སྲུང་བརྩི་ཞུས་པ།

༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༣ ཚེས་ ༡༠ ཉིན་ལྷོ་ཨ་རིའི་སྐུ་ཚབ་དོན་གཅོད་ཀྱི་གོ་སྒྲིག་འོག་མེག་སི་ཀོ་དང་ལྷོ་ཨ་རིའི་ས་གནས་ཁག་ཅིག་ཏུ་བོད་དོན་རྒྱབ་སྐྱོར་བ་ཚོགས་སྒེར་ཁག་ཅིག་ནས་བོད་མིའི་རང་དབང་སྒེར་ལངས་ཐེངས་ ༦༥ པ་སྲུང་བརྩི་ཞུས་ཡོད་པ་རེད།

དེ་ཡང་བོད་མིའི་རང་དབང་འཐབ་རྩོད་ལ་རྒྱབ་སྐྱོར་མཚོན་ཆེད་བོད་དོན་རྒྱབ་སྐྱོར་བ་ཚོགས་སྒེར་ཁག་ནས་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་དང་གསལ་སྟོན་གནང་བའི་ཐོག་ནས་བོད་མིའི་རང་དབང་དང་། དྲང་བདེན་ལ་རྒྱབ་སྐྱོར་གནང་ཡོད། བོད་ཀྱི་གནད་དོན་དྲིལ་བསྒྲགས་དང་ཞུ་གཏུག་ཆེད་རྒྱལ་སྤྱིའི་རྒྱལ་སྐྱོར་དགོས་གལ་ཆེ་བས་སྐུ་ཚབ་དོན་ཁང་ནས་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ཚོགས་སྒེར་ཡོངས་ལ་ཐུགས་རྗེ་ལེགས་འབུལ་ཞུས་ཡོད་པ་བཅས།།