Le premier site d'actualit? sur le Tibet

www.tibet.fr

Accueil » Agenda » Projection de Wisdom of Happiness
Le 20 octobre 2024 à NEW YORK in Woodstock

Projection de Wisdom of Happiness

༄༅། ། ༄༅།། གྲགས་ཅན་གློག་བརྙན་འཁྲབ་སྟོན་པ་ Richard Gere ལགས་དང་། གློག་བརྙན་བཟོ་སྐྲུན་པ་ Oren Moverman ལགས་སོགས་ནས་བཟོ་སྐྲུན་གནང་བའི་གློག་བརྙན་གསར་པ་ <<བདེ་སྐྱིད་ཀྱི་ཤེས་རབ།>> ཞེས་པ་གློག་བརྙན་ཕྱི་ལོ་ ༢༠༢༤ ཕྱི་ཟླ་ ༡༠ པའི་ཚེས་ ༢༠ ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་གི་ Woodstock ཁུལ་དུ་བཏོན་པ་བཞིན། ནིའུ་ཡོག་ནིའི་འཇར་སི་བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག་ཁུལ་དེར་བཞུགས་པའི་བོད་རིགས་ ༡༧༠ ལྷག་ཙམ་ནས་ཕེབས་ཏེ་དགའ་སྟོན་རྒྱ་ཆེ་གནང་ཡོད་པ་དང་། སྤྱི་མཐུན་ཚོགས་པའི་ངོས་གནས་ལྟད་མོ་བཟོ་སྐྲུན་པ་ Oren Moverman ལགས་དང་། Barbra Miller གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཇལ་དར་དང་། ཚོགས་གཙོ་དྲུང་ཆེ་རྣམ་གཉིས་ནས་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་གནང་ཡོད། Oren Moverman ལགས་དང་། Barbra Miller རྣམ་པ་གཉིས་ནས་ཀྱང་གློག་བརྙན་གཟིགས་མཁན་མི་མང་མང་པོ་ཕེབས་ཏེ་ཚོགས་ཁང་ནང་མ་གཤོངས་པའི་མི་མང་ཚོར་ཚོགས་ཁང་ཕྱི་རུ་གློག་ཀླད་ཐོག་ནས་གློག་བརྙན་བཏོན་གནང་བ་དང་། དགོང་དྲོ་དགའ་ཚོར་ཆེན་པོའི་ངང་ནས་ཐུགས་རྗེ་ཆེ་ཆེ་ཞུའི་གཏམ་བཤད་གནང་ཡོད། ཐེངས་དེར་ལྷག་བསམ་ཆེན་པོས་གཟིགས་མོར་ཕེབས་མཁན་གྱི་མི་མང་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ད་དུང་སྤྱི་སྤྱོད་རླངས་འཁོར་ཁག་གཉིས་ནང་ཡོད་པའི་མི་མང་རང་ངོས་ནས་མ་སྐུལ་དང་བླང་ཐོག་ནས་སྤྱི་མཐུན་ཚོགས་པར་ཞལ་འདེབས་གནང་བ་དང་། ཁུལ་དེར་ཡོད་པའི་བཀྲིས་འཁྱིལ་ཆོས་ཚོགས་ནས་གསོལ་ཇ་ལ་སོགས་ཀྱི་མཐུན་རྐྱེན་གནང་བར་བཅས་ལ་ཐུགས་རྗེ་ཆེ་གྲངས་མེད་ཞུ་བཞིན་ཡོད།
The screening of Wisdom of Happiness on October 20, 2024, in Woodstock, New York, was a significant and well-attended event for the Tibetan community from New York and New Jersey. Around 170 Tibetan people from the New York-New Jersey Tibetan Community gathered to celebrate the film, produced by Barbara Miller, Philip Delaquis, and Manuel Bauer in collaboration with Richard Gere and Oren Moverman.
As a gesture of appreciation, Tibetan community representatives presented ceremonial scarves (khadas) to filmmakers Oren Moverman and Barbara Miller, with both the president and secretary delivering thank-you speeches. Due to the large turnout, which exceeded the venue’s capacity, Oren Moverman and Barbara Miller arranged additional screenings outside the venue using laptops, ensuring that those who couldn’t fit inside could still watch the film.
In the evening, the filmmakers gave heartfelt speeches, and (TCNYNJ) expressed deep gratitude to all attendees for their enthusiasm. Special thanks were extended to those who voluntarily made donations to the Tibetan Community of New York and New Jersey (TCNYNJ) for bus transport, hartfelt thanks to Tashi kyel Buddhist center for arranging the tea, reflecting the strong sense of community and support at the event.